ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་གླུ་གར་འཁྲབ་སྟོན་གྲ་སྒྲིག་བྱེད་ཡོད།
དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་གླུ་གར་འཁྲབ་སྟོན་གྲ་སྒྲིག་བྱེད་ཡོད།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-08-03 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 198


       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མགྲོན་བསུའི་དགོང་ཚོགས་ཐོག་ཤམ་བྷ་ལ་རུ་འཛོམས་པ་ཞེས་པའི་ཞབས་བྲོ་དེས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་ཚོ་ལ་མིག་གི་དགའ་སྟོན་གྱ་ནོམ་པ་ཞིག་ཕུལ་རྒྱུ་རེད།   ཉེ་ཆར་ཁུལ་མི་རིགས་གླུ་གར་ཚོགས་པས་ལས་བཟོ་བ་ཡོངས་ཀྱིས་དུས་ཚོད་དམ་འཛིན་གང་ལེགས་བྱས་ནས་ལེ་ཚན་འཁྲབ་སྦྱོང་བྱེད་བཞིན་པའི་སྒང་ཡིན་པ་དང་།   ཅི་ནུས་ཀྱིས་ཆེས་ལེགས་པའི་ཞབས་བྲོའི་ལེ་ཚན་དེ་རྒྱ་ཆེའི་ལྟད་མོ་བར་འབུལ་རྩིས་ཡོད།   ཤམ་བྷ་ལ་འཛོམས་པ་ཞེས་པའི་མགྲོན་བསུའི་དགོང་ཚོགས་དེ་སེམས་ཀྱི་ལམ་དང་།  གནས་མཆོག    གནམ་འཇང་།   ཁྱིམ་གཞིས་སོགས་ཚན་པ་བཞིས་གྲུབ་ཡོད། ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་བར་སྐབས་སུ་ཁུལ་མི་རིགས་གླུ་གར་ཚོགས་པས་མགྲོན་བསུའི་དགོང་ཚོགས་དང་།  ཆེད་དོན་དགོང་ཚོགས།   མཇུག་བསྡུའི་དགོང་ཚོགས།   ཁུལ་དང་གྲོང་ཁྱེར་བཞིའི་འཁྲབ་སྟོན་སོཌ་ཀྱི་འགན་འཁུར་དང་ལེན་བྱས་ཡོད།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)