དབུ་ཤོག >> མི་རིགས་ཆོས་ལུགས། >> ཆོས་ལུགས་རིག་གནས།
སྟོང་མཆོད་ཀྱི་སྐོར་ངོ་སྤྲོད་རགས་ཙམ་གླེང་བ།
རྩོམ་པ་པོ། མེད ། དུས་ཚོད། 2013-03-27 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 247

       སྤྱིར་སྟོང་མཆོད་ནི་འབྱོར་བ་རབ་ལ་མེ་ཏོག་སོགས་བཅུ་གཉིས་པོ་སྟོང་སྟོང་ཚང་བའི་སྟོང་མཆོད་དང༌།   འབྲིང་བརྒྱད་བརྒྱ་བའི་མཆོད་པ།    ཐ་མ་ཅི་འབྱོར་གྱི་མཆོད་པ་བྱེད་ཚུལ་གསུམ་བསྟན་པའི་དང་བོ་འབྱོར་རབ་ཀྱི་མཆོད་ པ་ཡིན་ལ་དེ་ལ་ཕན་ཡོན་རྒྱ་ཆེན་པོ་འབྱུང་བ་ཡིན།
       སྟོང་མཆོད་གང་དང་གང་ཡིན་ཡང་ཐོག་མར་སྟོང་མཆོད་ཀྱི་ཆོ་ག་ལེགས་པར་བཤམས་དགོས་ ཤིང་།  དེ་ནས་ཆོ་ག་ལ་འདོན་པ་སྟོང་རེ་དང་ལྷ་བཤོས་སྟོང་།  མཆོད་ཆུ་སྟོང་།  མཆོད་འབྲུ་སྟོང་རེ་དང་བཅས་སྟོང་བཅུ་བསྒྲུབ་དགོས།  སྟོང་མཆོད་ཀྱི་རིགས་ལ་ཡང་རྣམ་རྒྱལ་སྟོང་མཆོད་དང་།  སྒྲོལ་མའི་སྟོང་མཆོད་།  ཚེ་ལྷ་རྣམ་གསུམ་གྱི་སྟོང་མཆོད། རྗེའི་སྟོང་མཆོད།  འོད་དཔག་མེད་ཀྱི་སྟོང་མཆོད།  སྣམ་བླའི་སྟོང་མཆོད་སོགས་མང་པོ་ཡོད།

སྟོང་མཆོད་ཀྱི་ཆོ་ག་འདི་རིགས་ལ་དགོས་པ་མང་པོ་ཞིག་ཡོད་ཅིང་རགས་ཙམ་གླེང་ན།  རྣམ་རྒྱལ་སྟོང་མཆོད་ལྟ་བུས་ཚེ་འཕེལ་པར་བྱེད་པ་དང་།  སྒྲོལ་མ་སྟོང་མཆོད་ལྟ་བུར་མཚོན་ན་མིའི་འཕང་བ་སེལ་བ་དང་འདོད་དོན་འགྲུབ་པ་ སོགས་མང་པོ་གསུངས་ཡོད།  དེ་ཡང་སྟོང་བཅུ་ནི་མཆོད་མེ་སྟོང་དང་།  མཆོད་ཆུ་སྟོང་།  ལྷ་བཤོས་སྟོང་།  མཆོད་འབྲུ་སྟོང་།  འདོན་པ་སྟོང་དང་།  སྤུས་སྟོང་།  ལན་ཆགས་སྟོང་།  བསྐོར་བ་སྟོང་།  ཕྱག་སྟོང་།  སྔགས་སྟོང་བཅས་མཆོད་རྫས་སྣ་སོ་སོ་ནས་གྲངས་ཀ་སྟོང་རེ་ལོངས་བའི་མཆོད་པ་ཞིག་ ཡིན།