དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> སློབ་གྲྭ་ངོ་སྤྲོད།
གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-03-27 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 75

       གཙོད་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་གཙོད་གྲོང་ནང་ཆགས་ཡོད་པ་དང་སློབ་གྲྭ་འདི་སྤྱི་ལོ་༡༩༨༥ལོར་གསར་འཛུགས་བྱས་ཤིང་ཀན་སུའུ་ཞིང་ཆེན་ནང་ཁུལ་གྱི་དགེ་འོས་སློབ་གསོ་གཙོ་བོ་སྒྲུབ་པའི་མཐོ་རིམ་མི་རིགས་སློབ་གྲྭ་ཉག་གཅིག་ཡིན། སློབ་གྲྭས་གཙོ་བོ་གྲངས་ཉུང་མི་རིགས་ཀྱི་སློབ་མ་སྡུད་ཀྱི་ཡོད་པས་སློབ་གྲྭ་འདི་ཀན་སུའུ་ཞིང་ཆེན་མི་རིགས་ས་ཁུལ་གྱི་རྨང་གཞི་སློབ་གསོའི་དགེ་རྒན་དང་འཛུགས་སྐྲུན་མི་སྣ་གསོ་སྐྱོང་བྱེད་པའི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།    
       སློབ་གྲྭ་བཙུགས་ནས་ལོ་ངོ་༢༠་འགོར་བའི་རིང་ལ་ཀྲུང་དབྱང་དང་ཞིང་ཆེན་ཁུལ་ལ་སོགས་པའི་རིམ་པ་སོ་སོའི་འགོ་ཁྲིད་ཀྱི་ཐུགས་ཁུར་དང་རོགས་སྐྱོར་འོག་དེ་མིན་སློབ་གྲྭའི་རྒྱ་ཆེ་བའི་དགེ་བཟོ་བ་ཡོངས་ཀྱི་ཐུན་མོང་ཀྱི་འབད་པ་ལས་སློབ་གྲྭའི་ལས་རིགས་སོ་སོ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
       མིག་སྔར་སློབ་གྲྭའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྤྱི་ལེ་གྲུབ་བཞི་མ་རྨིའི་༧,༡༢ཡོད། སློབ་གསོའི་ཅ་ལག་འཕྲུལ་ཆས་ཀྱི་སྤྱིའི་རིན་གོང་ལ་ས་ཡ་༧༡༠ཡོད་ལ་སློབ་ཁྲིད་ཚོད་ལྟ་ཁང་ལྔ་ཡོད་དེ་དེང་རབས་ཅན་གྱི་བཪྙན་འཕྲིན་སྣ་མང་སློབ་ཁང་། གློག་རྡུལ་རྩིས་འཁོར་སློབ་ཁང་། སྒྲ་སྦྱོར་སློབ་ཁང་། དེ་མིན་སློབ་རའི་གློག་ཀླད་དྲ་བ་དང་སྐུད་ཡོད་བཪྙན་འཕྲིན་དྲ་བ་ཕྱེ་ཡོད། སློབ་ཁང་རེ་རེར་བཪྙན་འཕྲིན་དང་ཁ་པར་འཐེན་ཡོད་ལ་སློབ་མའི་ཉལ་ཁང་རེ་རེ་ལའང་བཪྙན་འཕྲིན་དང་ཁ་པར་འཐེན་ཡོད། མིག་སྔར་སློབ་གྲྭ་ཡོངས་ལ་སློབ་གསོའི་སྡེ་ཁག་དང་པུའུ་༡༢ཡོད། ཆེད་ལས་༢༥ཡོད། སློབ་ཁྲིད་འཛིན་གྲྭ་༧༩ཡོད། དགེ་བཟོ་བ༣༨༥ཡོད། དེའི་ཁྲོད་ཕྱི་རྒྱལ་གྱི་དགེ་རྒན་༢ཡོད། སློབ་གྲྭ་ཡོངས་ལ་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཆེད་སྦྱོང་སློབ་མ་༣༥༡༥ཡོད། འདིའི་ཁྲོད་ཞིང་ཆེན་ནང་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་སློབ་མ་ནི་སྤྱིའི་སློབ་མའི་གྲངས་ཀྱི་བརྒྱ་ཆ་༧༠ཟིན་ཡོད། གཞན་ད་དུང་རིགས་མི་འདྲ་བའི་མི་ཆེན་སློབ་གསོའི་སློབ་མ་༡༠༣༡ཡོད། ཕྱི་རྒྱལ་གྱི་སློབ་མ་༥ཡོད། སློབ་གྲྭ་བཙུགས་ཚུན་ནས་བཟུང་སྤྱི་ཚོགས་ལ་ཆེད་ལས་མི་སྣ་༤༢༨༠གསོ་སྐྱོང་བྱས་པ་དང་མང་ཆེ་བ་ད་ལྟ་མི་རིགས་སློབ་གསོའི་རྐང་འཛིན་པར་གྱུར་ཡོད།
       སློབ་གྲྭ་འདིའི་མ་འོངས་བའི་འཕེལ་རྒྱས་ཀྱི་དམིགས་ཡུལ་ནི་༢༠༠༥ལོའི་སྔོན་ལ་ཆེད་སྦྱོང་ནས་དངོས་གཞི་ལ་འཕེལ་རྒྱུ། དེ་མིན་སྡེ་ཁག་༡༥ཡོད་པ་དང་ཆེད་ལས་༣༠ཡོད་པ། དགེ་འོས་སློབ་གསོ་གཙོ་བོར་བཟུང་ནས་སྐད་ཡིག་དང་རྩིས་རིག་མཉམ་སྒྲུབ་བྱེད་པ། གཞན་ཆེད་སྦྱོང་ཆེན་མོ་དང་དངོས་སྦྱོང་། ཞིབ་འཇུག་སློབ་མའི་སློབ་གསོ་དང་ཕྱི་རྒྱལ་སློབ་མའི་སློབ་གསོ། མི་ཆེན་སློབ་གསོ་བཅས་མཉམ་པོར་འཕེལ་རྒྱས་ཡོད་པའི་མི་རིགས་དགེ་འོས་དངོས་གཞི་སློབ་གླིང་ཞིག་ཏུ་འགྱུར་རྒྱུ། མ་འོངས་བ་ན་སློབ་གྲྭ་ཡོངས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་མའི་མི་གྲངས་༥༠༠༠ལྷག་འབུད་པ་དང་མི་ཆེན་སློབ་གསོའི་སློབ་མ་༢༠༠༠ལྷག་ལ་བུད་ནས་སློབ་གྲྭ་འདི་ཀན་སུའུ་ཞིང་ཆེན་དང་དེ་མིན་མཚོ་སྔོན་སི་ཁྲོན་མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བསྟི་གནས་དང་ཚན་རིག་ཞིབ་འཇུག་གི་བསྟི་གནས། ཆ་འཕྲིན་བརྗེ་རེས་དང་བློ་རྩལ་ཉེར་ཚགས་ཀྱི་བསྟི་གནས་སུ་གྱུར་ནས་ཀན་སུའུ་དང་མཚོ་སྔོན་སི་ཁྲོན་མི་རིགས་ས་ཁུལ་གྱི་མི་རིགས་སློབ་གསོ་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་མཐུན་སྒྲིལ་བདེ་འཇགས། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་བཅས་ལ་དེ་ལས་ཆེ་བའི་བྱས་རྗེས་ཆེན་པོ་འཇོག་ངེས།