དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> སློབ་གྲྭ་ངོ་སྤྲོད།
མཚོ་སྔོན་གསོ་རིག་སློབ་གླིང་།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-03-27 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 85

       མཚོ་སྔོན་གསོ་རིག་སློབ་གླིང་ནི་སྤྱི་ལོ་༡༩༥༨ལོའི་ཟླ་༩བའི་ཚེས་༢༨ཉིན་དབུ་བཪྙེས་ཤིང་སློབ་གྲྭ་འདི་གནའ་མཁར་ཟི་ལིང་གི་ཀོའོ་ཁྲིན་ཐེའེ་རིག་གནས་ཁུལ་དུ་ཆགས་ཡོད་ལ་མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་གསོ་བ་རིག་པའི་ཐད་ཀྱི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པའི་མཐོ་རིམ་གསོ་རིག་སློབགླིང་གཅིག་པུ་དེ་ཡིན། སློབ་གྲྭ་འདིར་ད་ལྟ་དངོས་བབས་གསོ་རིག་དང་ཀྲུང་ལུགས་གསོ་རིགས། བོད་ལུགས་གསོ་བ་རིག་པ་དང་སྔོན་འགོག་གསོ་བ་རིག་པ་བཅས་སྡེ་ཁག་༤དང་ཆེད་ལས་༨དེ་ཀྲུང་ནུབ་གསོ་རིག་འདྲེས་མ་དང་སྔོན་འགོག་གསོ་བ་རིག་པ། ས་གནས་རང་བཞིན་གྱི་ནད་སྔོན་འགོག་དང་བོད་ལུགས་གསོ་བ་རིག་པ། ལྟ་སྐྱོང་དང་གསོ་སྨན་རིག་པ། ལྷག་པར་དུ་བོད་ལུགས་གསོ་བ་རིག་པར་མཚོ་སྔོན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཕྱི་ནང་གི་གསོ་བ་རིག་པའི་མཐོང་ཆེན་བྱེད་ཀྱིན་ཡོད།
       མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་ནི་སྤྱི་ལོ་༡༩༨༨ལོར་དབུ་ཚུགས་པ་ཡིན་ཞིང་འདི་ནི་རྒྱལ་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ཀྱི་མཐོ་རིམ་མི་སྣ་གསོ་སྐྱོང་བྱེད་པའི་མཐོ་རིམ་གསོ་རིག་སློབ་གླིང་གཉིས་ཀྱི་གྲས་ཡིན།སློབ་གྲྭ་འདི་ནི་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པའི་མཐོ་རིམ་གསོ་རིག་སློབ་གླིང་ཉག་གཅིག་ཡིན།
       སློབ་གྲྭ་འདི་ལ་སློབ་ཁྲིད་ཁོར་ཡུག་དང་དངོས་སྦྱོང་བྱེད་ས་ཧ་ཅང་བཟང་པོ་ཞིག་ཡོད། སློབ་གྲྭ་འདིས་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་སློབ་གྲྭའི་བོད་ལུགས་གསོ་རིག་སློབ་ཁྲིད་བྱེད་སའི་སྨན་ཁང་ཡོད་པ། དེ་མིན་མཚོ་སྔོན་ཞིང་ཆེན་བོད་སྨན་བཟོ་གྲྭ་སློབ་གྲྭའི་བོད་སྨན་བཟོ་བར་དངོས་སྦྱོང་བྱེད་པའི་ལྟེ་གནས་སུ་གྱུར་ཡོད་ལ་མཚོ་སྔོན་གསོ་རིག་སློབ་གླིང་དེ་སློབ་གྲྭའི་དེང་རབས་གསོ་རིག་སློབ་ཁྲིད་བྱེད་སའི་བསྟི་གནས་ཡིན་པ།
       ད་ལྟ་སློབ་གླིང་ཡོངས་ལ་དགེ་བཟོ་བ་བསྡོམས་༣༤ཡོད་ལ་དེའི་ནང་དུ་སློབ་དཔོན་དང་སློབ་དཔོན་གཞོན་པ་༡༤ཡོད། ཆེད་ཁྲིད་དགེ་རྒན་༡༨ཡོད།རོགས་ཁྲིད་དགེ་རྒན་༢ཡོད། རྒྱལ་ཁབ་རིམ་པའི་སྲིད་གཞུང་གི་ཁ་སྣོན་ཟླ་ཕོགས་ལེན་པའི་ཆེད་ལས་མཁས་པ་༢ཡོད། སློབ་གླིང་འདིར་སློབ་སྟོན་ཁྲུའུ་དང་སློབ་གླིང་སྲིད་འཛིན་གཞུང་ལས་ཁང་། བོད་ཀྱི་གསོ་བ་རིག་པའི་ཚན་ཁག་དང་བོད་སྨན་རིག་པའི་ཚན་ཁག ཚན་རིག་ཞིབ་འཇུག་ཁྲུའུ་དང་བོད་སྨན་སྒོ་བསྟེན་ཁང་བཅས་ལས་ཁུངས༦ཡོད། དེ་མིན་བོད་ལུགས་གསོ་རིག་རྨང་གཞིའི་ཞིབ་འཇུག་ཁང་དང་བོད་སྨན་སློབ་དཔྱོད་ཁང་། དེང་རབས་གསོ་རིག་སློབ་དཔྱོད་ཁང་དང་བོད་སྨན་སློབ་དཔྱོད་ཁང་། བོད་སྨན་སྦྱོར་བཟོ་སློབ་དཔྱོད་ཁང་དང་སྨན་ལུགས་སློབ་དཔྱོད་ཁང་བཅས་ཡོད། གཞན་ད་རུང་བོད་ལུགས་གསོ་རིག་དང་གསོ་སྨན་ཞིབ་འཇུག་ཁང་། སློབ་གྲྭའི་རིག་གཞུང་དུས་དེབ་རྩོམ་སྒྲིག་པུའུ་དང་སློབ་གྲྭའི་ལྟེ་གནས་ཚོད་ལྟ་ཁང་། གློག་ཀླད་སློབ་ཁང་དང་རྩིས་འཁོར་ལྟེ་གནས་བཅས་ཡོད།
       སློབ་གླིང་འདིས་སློབ་ཁྲིད་ཕྱོགས་ཀྱི་བསམ་བློ་གལ་ཆེན་ནི་བོད་ལུགས་གསོ་རིག་གཙོ་བོར་བཟུང་བ་ནས་བོད་ལུགས་གསོ་རིག་དང་ནུབ་ལུགས་གསོ་རིག་གཉིས་ཕན་ཚུན་འབྲེལ་ནས་ཁྱད་ཆོས་སུ་བྱས་བ་དེ་ཡིན།བོད་ཀྱི་གསོ་རིག་ཆེད་ལས་ཀྱི་སློབ་གསོ་ནི་བོད་ཀྱི་གསོ་སྨན་གྱི་གཞུང་ལུགས་སྐོར་གྱི་སློབ་ཁྲིད་བྱེད་པ་གཙོ་བོ་བྱས་བ་དང་གཞན་དེང་རབས་གསོ་བ་རིག་པའི་རྨང་གཞི་སློབ་ཁྲིད་ཀྱང་བྱེད་ཀྱིན་ཡོད། འདིས་སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པའི་སློབ་གསོ་འདི་དགོན་པའི་རིག་གནས་ནས་ཚུལ་ལྡན་གྱི་སློབ་གྲྭའི་སློབ་གསོ་ལ་བསྒྱུར་བ་དང་། སློབ་གླིང་གིས་ཆ་ཡོངས་ནས་སྐད་གཉིས་ཀྱི་ཐོག་ནས་སློབ་ཁྲིད་བྱེད་ཀྱིན་ཡོད། བོད་ཀྱི་གསོ་བ་རིག་པའི་རྨང་གཞི་སློབ་ཁྲིད་དང་དངོས་བབས་ཚོད་ལྟའི་སློབ་ཁྲིད་བཅས་བོད་སྐད་ཀྱི་ཐོག་ནས་སློབ་ཁྲིད་བྱེད་ཀྱིན་ཡོད། དེང་རབས་གསོ་རིག་སྐོར་གྱི་སློབ་ཁྲིད་དེ་རྒྱ་སྐད་ཀྱི་ཐོག་ནས་སློབ་ཁྲིད་བྱེད་ཀྱིན་ཡོད།དབྱིན་ཡིག་སློབ་ཁྲིད་ཆེད་དུ་ཕྱི་རྒྱལ་གྱི་དགེ་རྒན་གདན་འདྲེན་ཞུས་ནས་སློབ་ཁྲིད་བྱེད་ཀྱིན་ཡོད། 
       ད་ལྟ་སློབ་གྲྭ་འདི་ལ་བོད་ཀྱི་གསོ་བ་རིག་པའི་དངོས་གཞིའི་སློབ་གསོ་དང་ཆེད་སྦྱོང་ཆེན་མོའི་སློབ་གསོ། མི་ཆེན་སློབ་གསོ་དང་ཕྱི་རྒྱལ་སློབ་མའི་སློབ་གསོ་བཅས་སློབ་གསོའི་མ་ལག་ཅིག་ཆགས་ཡོད། སློབ་གྲྭ་འདིས་གཙོ་བོ་དེང་རབས་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་ལག་རྩལ་ལ་མཁས་པའི་བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་ཀྱིན་ཡོད། སློབ་གྲྭས་སྤྱི་ལོ་༡༩༩༢ལོ་ནས་བཟུང་སྟེ་ཆེད་སྦྱོང་ཆེན་མོའི་སློབ་མ་བསྡུས་པ་དང་སྤྱི་ལོ་༡༩༩༥ལོ་ནས་བཟུང་སྟེ་དངོས་གཞིའི་སློབ་མ་བསྡུས། སྤྱི་ལོ་༢༠༠༠ལོར་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ཀྱིས་ཧྲོའོ་ཧྲི་ཞིབ་འཇུག་སློབ་མ་སྡུད་བར་ཆོག་མཆན་ཐོབ་པ། སྤྱི་ལོ་༢༠༠༡ལོའི་ཟླ་༩བ་ནས་བཟུང་སློབ་མ་བསྡུས་བ། ད་ལྟ་ཞིབ་འཇུག་སློབ་མ་༦ཡོད། མིག་སྔར་སློབགླིང་ཡོངས་ལ་དངོས་གཞི་སློབ་མ་བསྡོམས་པའི་སློབ་མ་༢༦༠ཡོད། ཆེད་སྦྱོང་སློབ་མ་བསྡོམས་པའི་༡༥༠ལྷག་ཡོད། གཞན་ད་དུང་ཞིང་ཆེན་ཕྱི་ནང་གི་ལས་ཞུགས་གསོ་སྦྱོང་སློབ་མ་སྐོར་ཞིག་ཀྱང་གསོ་སྐྱོང་བྱེད་ཀྱིན་ཡོད། སློབ་གྲྭ་འདིའི་སློབ་མ་གཙོ་བོ་མཚོ་སྔོན་དང་བོད་ལྗོངས། ཀན་སུའུ་དང་སི་ཁྲོན་བཅས་ཞིང་ལྗོངས་ནས་ཡོང་བ་ཡིན་ལ། འདིའི་ནང་དུ་བོད་རིགས་དང་རྒྱ་རིགས། སོག་རིགས་དང་ཧེ་རིགས། ཧོར་རིགས་བཅས་མི་རིགས་ལྔ་འདུས་ཡོད། སྤྱི་ལོ་༡༩༩༥ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་གཙང་སྦྲ་ཐིང་གྱི་འགོ་ཁྲིད་འོག་མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་མཚོ་སྔོན་གསོ་རིག་སློབ་གླིང་དུ་བསྡུས།