དབུ་ཤོག >> བོད་ཀྱི་རིག་གནས། >> དཔེ་གཟིགས། >> དཔེ་དེབ་འཕྲིན་གསར།
<<དོན་གྲུབ་དབང་འབུམ་གྱི་ཆེད་རྩོམ་དཔེ་ཚོགས་>>འགྲེམ་སྤེལ་དང་བཞུགས་མོལ་ཚོགས་འདུ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཚོགས་པ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-03-28 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ། ཀློག་གྲངས། 210



   མི་དམངས་དྲ་བའི་འཕྲིན།ཟླ་3ཚེས་10ཉིན་<<དོན་གྲུབ་དབང་འབུམ་གྱི་ཆེད་རྩོམ་དཔེ་ཚོགས་>>འགྲེམ་སྤེལ་དང་བཞུགས་མོལ་ཚོགས་འདུ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཚོགས་ཤིང་།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཁྲེན་ཆིང་དབྱི་དང་།ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་ཚེ་རིང་ཐར་སོགས་འབྲེལ་ཡོད་ཆེད་མཁས་པ་དང་རྒན་དོན་གྲུབ་དབང་འབུམ་གྱི་འབུམ་རམས་པའི་སློབ་མ་བཅས་མི་50ལྷག་ཚོགས་འདུར་ཞུགས།
   ཀྲུང་དབྱང་མི་རིགས་སློབ་ཆེན་པར་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་<<དོན་གྲུབ་དབང་འབུམ་གྱི་ཆེད་རྩོམ་དཔེ་ཚོགས་>>འདི་ལ་ཁྱོན་བསྡོམས་དཔེ་དེབ་བརྒྱད་དང་།ཡིག་འབྲུ་ཁྲི་400ལྷག་ཡོད།དེ་ལས་དཔེ་དེབ་ལྔ་ནི་བོད་རིག་པ་དང་།མི་རིགས་རིག་གནས་སྐོར་གྱི་ཆེད་རྩོམ་དང་།དཔྱད་རྩོམ།བཅར་འདྲི་སོགས་ཀྱི་རྩོམ་ཡིག་ཡིན་པ་དང་།གཞན་དཔེ་དེབ་གསུམ་ནི་རྩོམ་རིག་གསར་རྩོམ་ཡིན་པ་རེད།