དབུ་ཤོག >> དཔལ་འབྱོར་འཚོ་བ། >> ཁྱིམ་ཇུས་ནོར་གཉེར།
ལ་ཧོ་ཀྲུའུ་གྲོང་སྡེའི་ཡུལ་མིས་སྔོ་ཚལ་ཐོན་ལས་གོང་འཕེལ་བཏང་བར་བརྟེན་ནས་ཕྱུག་པོར་འགྱུར་བ།
རྩོམ་པ་པོ། གཡང་མཚོས་བསྒྱུར། དུས་ཚོད། 2013-03-28 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 232

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། “ངེད་ཚང་གིས་རྒྱ་ཁྱོན་སྐར་མ 7 གྱི་ས་ཞིང་ལ་ལུག་མཉེ་འདེབས་པ་དང་།མུ་ཁར་ཧྲན་ཡའོ་འདེབས་པས།ཞིང་ཁ་ཞིག་ལ་ཡོང་སྒོ་སྣ་གཉིས་མངོན་དུ་འགྱུར་ཐུབ་པ་རེད།ན་ནིང་ལོར་ངེད་ཚང་གི་ཧྲན་ཡའོ་དང་ལུག་གཉེའི་ཡོང་སྒོ་སྒོར་ཁྲི3ལ་ཟིན།”ལ་ཧོ་ཀྲུའུ་གྲོང་སྡེའི་མ་ཏི་ཡུལ་མི་ཚོ་ཆུང་གི་ཁྱད་ལྡན་སྔོ་ཚལ་འདེབས་པའི་ཡུལ་མི་ཧོ་རུའེ་ཧྲེང་གིས་དགའ་བའི་ངང་གསར་འགོད་པར་འདི་འདྲ་བཤད་པ་རེད།
       ཧོ་རུའེ་ཧྲེན་ལྟར་ལ་ཧོ་ཀྲུའུ་མང་ཚོགས་ཀྱིས་སྔོ་ཚལ་འདེབས་འཛུགས་གོང་འཕེལ་བཏང་བར་བརྟེན་ནས་ཕྱུག་པོར་འགྱུར་ཞིང་།ལ་ཧོ་ཀྲུའུ་ནི་འབའ་ལུང་རྫོང་མཁར་དང་ཉེ་བས།གནས་བབ་ཡག་པོ་ལྡན་པ་རེད།ཉེ་བའི་ལོ་ཤས་རིང་ལ།གྲོང་སྡེའི “ཨུ་གཉིས” ཀྱིས་གོང་རིམ་སྡེ་ཁག་གིས་རོགས་སྐྱོར་ཆེན་པོ་གནང་བའི་འོག  གནས་བབ་ཡག་པོར་བརྟེན་ནས་ཚོང་ར་ཁྲིད་ཕྱོགས་སུ་བཞག་པ་དང་།ཚན་རྩལ་སྔོན་ཁྲིད་དུ་བཞག་པ།ཕན་ནུས་ལྟེ་བར་བཞག་པ་བཅས་བྱས་ནས།ཧྲན་ཡའོ་དང་ལུག་གཉེ། སྤྱི་གནོད་མེད་པའི་སྔོ་ཚལ་གཙོ་བོར་བཞག་པའི་སྔོ་ཚལ་ཐོན་ལས་ཀྱི་གོང་འཕེལ་གཏོང་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཕྱུག་པོར་གྱུར་བར་སྣེ་ཁྲིད་བྱས།
       2012 ལོར།གྲོང་སྡེ་འདིས་ཆུ་ཤོག་གུར་ཆེན་མུའུ 120 ལ་སྔོ་ཚལ་འདེབས་ཡོད་པ་རེད།ན་ནིང་།གྲོང་སྡེ་འདི་ཡིས་སྔོ་ཚལ་གྱི་ཐོན་ཚད་རིན་ཐང་སྒོར་ཁྲི 600 ལྷག་མངོན་དུ་འགྱུར་ཞིང་།མང་ཚོགས་ཀྱི་དཔལ་འབྱོར་ཡོང་སྒོ་འཕར་བའི་འབྱུང་ཁུངས་གཙོ་བོ་གཞིག་ཏུ་གྱུར་པ་རེད།