དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> བོད་ཡིག་བཀོལ་སྤྱོད།
ཁ་བ་དཀར་པོ་རིག་གནས་ཚོགས་པས་བདེ་ཆེན་སྐོར་བྲོའི་DVDཉེ་ཆར་པར་སྐྲུན་བྱ་རྒྱུ།
རྩོམ་པ་པོ། ཚུལ་ཁྲིམས། དུས་ཚོད། 2013-03-28 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 158

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།གསར་འགོད་པས་ཁ་བ་དཀར་པོ་རིག་གནས་ཚོགས་པའི་འབྲེལ་ཡོད་འགན་ཁུར་བ་ནས་གོ་རྟོགས་བྱུང་དོན། ཁ་བ་དཀར་པོ་རིག་གནས་ཚོགས་པ་དང་བདེ་ཆེན་རྫོང་ལྕགས་ཕུ་གྲོང་སྡེའི་གྲོང་མི་ཨུ་ཡོན་ལྷན་ཁང་གིས་མཉམ་ལས་བྱས་ནས་འཚོལ་བསྒྲིགས་བྱས་པའི་《བདེ་ཆེན་སྐོར་བྲོའི་ནང་ཚན་ལྕགས་ཕུའི་སྐོར་བྲོ》ཞེས་པའི་DVD་དེ་2012ལོའི་ཟླ་9པའི་ཚེས་1ཉིན་ལ་དངོས་སུ་པར་སྐྲུན་བྱས་པ་རེད། 
        བདེ་ཆེན་རྫོང་ཧྥོ་ཧྲང་ཤང་ལྕགས་ཕུ་གྲོང་སྡེ་ནི་བྲོ་གཞས་དང་། གཏམ་བཤད་ལ་སོགས་ཏེ་བོད་ཀྱི་དམངས་ཁྲོད་རིག་གནས་དར་སྲོལ་ཆེ་བའི་ས་ཆ་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ།ལྕགས་ཕུ་གྲོང་གིས་ཁ་བ་དཀར་པོ་རིག་གནས་ཚོགས་པ་དང་མཉམ་ལས་བྱས་ནས་རང་མོས་ཀྱིས་བོད་ཡིག་འཛིན་གྲྭ་རྩ་འཛུགས་བྱས་ཏེ། བོད་ཡིག་རྨང་གཞིའི་ཤེས་བྱ་སློབ་ཁྲིད་བྱས་པ་རེད།མིག་སྔར་གྲོང་པ་རེར་བོད་ཡིག་ཤེས་མཁན་མི་ 10 ལྷག་ཡོད། གྲོང་མི་ཚོས་རང་རང་གིས་བྲོ་ཚིག་ལ་སོགས་འཚོལ་སྡུད་བྱས་པ་དང་།  ཁ་བ་དཀར་པོ་རིག་གནས་ཚོགས་པས་དག་བཅོས་བྱས་ནས་པར་སྐྲུན་བྱས་པ་རེད། ད་ཐེངས་ཀྱི་སྐོར་བྲོའི་ DVD དེའི་ནང་ལྕགས་ཕུ་གྲོང་སྡེའི་མཐའ་འཁོར་དུ་དར་སྲོལ་ཆེ་བའི་བྲོ་སྣ་ 24 བསྡུས་ཡོད་ལ། དེང་རབས་ཀྱི་རོལ་ཆས་ཅིའང་བསྲེས་མེད་དེ། དམིགས་ཡུལ་ནི་གྲོང་པ་རང་གི་རིག་གནས་རང་སོར་ཉར་ཚགས་བྱེད་རྒྱུ་དེ་ཡིན།   
       བདེ་ཆེན་རྫོང་ཁ་བ་དཀར་པོ་རིག་གནས་ཚོགས་པ་ནི་དམངས་ཁྲོད་རྩ་འཛུགས་ཤིག་ཡིན།  དབུ་བརྙེས་ནས་ལོ་ 13 རིང་ལ།  རྒྱལ་ཁབ་ཕྱི་ནང་གི་ཐེབས་རྩ་ཚོགས་པ་དང་དམངས་ཁྲོད་རྩ་འཛུགས་གང་མང་དང་མཉམ་ལས་བྱས་ཏེ་བདེ་ཆེན་རྫོང་གི་ཤང་གྲོང་མང་པོར་རིག་གནས་དང་དམངས་མཚོ། ཁོར་ཡུག་སྲུང་སྐྱོང་། སློབ་གསོ་བཅས་དང་འབྲེལ་བའི་རྣམ་གྲངས་གང་མང་ཞིག་སྤེལ་ཡོད་པ་དང་། ད་དུང་མི་སྣ་མངག་བཅོལ་བྱས་ཏེ་ཤང་དང་གྲོང་རྡལ་ཁག་ཏུ་ཟབ་ཞུགས་བྱས་ནས་གཞས་ཚིག་དང་བྲོ་ཚིགགཏམ་བཤད།  གླུ་ཚིག་བཅས་དམངས་ཁྲོད་རིག་གནས་འཚོལ་སྡུད་བྱས་ཤིང་། CDདང་VCD    དཔེ་ཆ་བཅས་པར་སྐྲུན་བྱས་ཡོད།