དབུ་ཤོག >> དཔལ་འབྱོར་འཚོ་བ། >> མ་རྩའི་འདེབས་ཕྱོགས།
རང་ཞིང་ཆེན་གྱིས་ལོ5ནང་གནད་ཆེའི་ལས་གྲྭ10བསྐྲུན་རྒྱུ་ཡིན་པ།
རྩོམ་པ་པོ། ཚེ་རིང་དོན་གྲུབ་ཀྱིས་བསྒྱུར། དུས་ཚོད། 2013-03-29 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 194

           སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།མིག་སྔར།   རང་ཞིང་གིས་ཞིང་ཆེན་རིམ་པ་དང་།   ཁུལ་དང་གྲོང་ཁྱེར་རིམ་པ།   གལ་ཆེའི་ཉེན་ཁའི་ས་གནས་དང་།  ཞིང་ཆེན་ས་ཡོམ་ཅུས་སོགས་འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་མཉམ་དུ་གྲུབ་པའི་ལོ་འཁོར་གྱི་ཡོམ་འགུལ་གནས་ཚུལ་རྗེས་འདེད་པའི་ལྟ་སྐུལ་ཚད་ལེན་སྔོན་འགོག་འཆར་འགོད་མ་ལག་བསྐྲུན་ཚར་བ་དང་།    གནོད་འགོག་དངོས་ཟོག་ཉར་ཁང་ 109 དང་།  ཉེན་ཁ་ལས་གཡོལ་ས 300 ལས་ཚར་བ་རེད།  ཤང་དང་གྲོང་རྡལ 400 ལྷག་ལ་དམངས་དམག་གཙོར་བྱས་པའི་ཐོལ་བྱུང་ས་ཡོམ་དང་བླངས་རུ་ཁག་བཙུགས་ནས།  ཞིང་ཆེན་ཡོངས་ཀྱི་ཡོམ་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་རྒྱུའི་ནུས་པའི་འཛུགས་སྐྲུན་སྔར་ལས་ཚན་རིག་དང་མཐུན་པར་ཇེ་དྲག་ཏུ་བཏང་ཡོད།  གཞན་ཡང་།  ན་ནིང་རང་ཞིང་གིས་ཡོམ་འགོག་སྐོར་གྱི་ཚན་རིག་ཁྱབ་གདལ་གྱི་ཤེས་བྱའི་རྒྱུ་ཆ་དེབ་ཁྲི 1088 མར་བཀྲམས་པ་དང་།  རྒྱལ་ཁབ་རིམ་པའི་ཡོམ་འགོག་དང་གནོད་པ་ཇེ་ཉུང་དུ་གཏོང་བའི་ཚན་རིག་ཁྱབ་གདལ་གྱི་རྟེན་གཞི 3 བཙུགས་ནས།   ཐོལ་བྱུང་གནོད་འཚེ་འགོག་པའི་དེབ་ཆུང་ཁྲི 1310 དང་།   ཐོལ་བྱུང་དོན་རྐྱེན་འཕྲལ་དུས་བཀོལ་བའི་ཁུག་མ་ཆུང་བ་ཁྲི 473 ལྷག་མར་བཀྲམས་པ་རེད།  ཐོལ་བྱུང་དོན་རྐྱེན་གྱི་སྦྱོང་བརྡར་ཐེངས 1000 ལྷག་བྱས་ནས། ནུས་ཡོད་ཀྱིས་མི་དམངས་མང་ཚོགས་ཀྱི་གནོད་འགོག་དང་གནོད་པ་ཇེ་ཉུང་དུ་གཏོང་བའི་འདུ་ཤེས་དང་།  རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་ནུས་པ་ཇེ་མཐོར་བཏང་ཡོད་པ་རེད།