དབུ་ཤོག >> དཔལ་འབྱོར་འཚོ་བ། >> མ་རྩའི་འདེབས་ཕྱོགས།
སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་ཆེན་རིམ་པའི་གནད་ཆེའི་འཛུགས་སྐྲུན་གྱི་གྲོང་གསེབ་རྣམ་གྲངས་འཛུགས་སྐྲུན་དོན་དངོས་ཀྱིས་སྒྲུབ་པ།
རྩོམ་པ་པོ། སྒྲོལ་མ་གཡང་མཚོས་བསྒྱུར། དུས་ཚོད། 2013-03-29 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 214

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ན་ནིང་།སེམས་ཀྱི་ཉི་ཟླ་རྫོང་གི་རྣམ་པ་གསར་བའི་གྲོང་གསེབ་ཀྱི་ཞིང་ཆེན་རིམ་པའི་གནད་ཆེའི་གྲོང་གསེབ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བྱུང་བ།རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་650བཏང་བ་རེད། 
        ངོ་སྤྲོད་བྱས་པ་ལྟར་ན།   ན་ནིང་རྫོང་འདིས་ཞིང་ཆེན་རིམ་པའི་གནད་ཆེའི་གྲོང་སྡེ་འཛུགས་སྐྲུན་ས་ཚིགས་ 11 ལག་བསྟར་བྱས་པ།འཛུགས་སྐྲུན་བྱས་པའི་ཁྲོད་དུ།ཞིང་པའི་ཡོང་སྤར་ལ་དམིགས་ནས།མ་དངུལ་ཆུང་བས་དངུལ་འཇུག་ཆེན་པོ་ལ་སྐུལ་འདེད་དང་།རོགས་དངུལ་ཆུང་བས་འཛུགས་སྐྲུན་ཆེན་པོ་ལ་སྐུལ་འདེད་གཏོང་བར་བྱས།ཞིབ་བཤེར་ལྟ་སྐུལ་བྱས་ནས།ཞིང་ཆེན་རིམ་པའི་རྣམ་པ་གསར་བའི་གནད་ཆེའི་འཛུགས་སྐྲུན་གྱི་ལས་འགན་ལེགས་འགྲུབ་བྱུང་།དེའི་སྐབས་སུ།རྫོང་སྲིད་ཞིབ་ཁང་གིས་མ་དངུལ་གྱིས་ཕན་ནུས་ཆེན་པོ་འདོན་པར་འགན་སྲུང་བྱས་པ།ལོ་སྟོད་ལ་གནད་ཆེའི་གྲོང་གསེབ་འཛུགས་པའི་རྣམ་གྲངས་ལ་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་ 650 ལྷག་བཏང་བ།མིག་སྔར་གྲོང་གསེབ་དང་དུད་ཚང་དུ་ཞུགས་པའི་འགྲོ་ལམ་སྟོང་སྨི་ 21 བཟོས་ཚར་བ།དུད་ཚང་ 110 ལ་ཉི་ནུས་འཕྲུལ་ཆས་སྒྲིག་སྦྱོར་བྱས། སྤྱི་པའི་གསང་སྤྱོད་2དང་།གད་སྙིགས་བླུག་ས16  སྨི་གྲུ་བཞི་མ102ཅན་གྱི་བྱེད་སྒོ་སྤེལ་ཁང་།  ཉེན་ཅན་ཁང་པ་32ལེགས་སྒྲིག་བྱས་པ།  སྨི་གྲུ་བཞི་མ300ཟིན་པའི་བྱེད་སྒོ་སྤེལ་ཁང་1བཅས་ལ་ཉམས་གསོ་བྱས་པ།དུད་ཚང་124ཡི་གྱང་ལ་དཀར་རག་བྱུག་པ་རེད།