དབུ་ཤོག >> དཔལ་འབྱོར་འཚོ་བ། >> ཁྱིམ་ཇུས་ནོར་གཉེར།
གྲོང་གསེབ་རྒན་པོའི་འཚོ་བ་ཇེ་སྐྱིད་དུ་གྱུར་པ།
རྩོམ་པ་པོ། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-04-12 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 197

        “2007 ལོ་ནས་བཟུང་། ཨ་མེས་ངེད་གཉིས་ལ་མི་རེ་ལོ་ལྟར་སྒོར  300 ལྷག་གི་དམའ་སྲུང་དངུལ་ཐོབ་ཡོད། 2010 ལོར་སྲིད་གཞུང་གིས་ཡང་ང་ཚོར་མི་རེ་ལོ་ལྟར་སྒོར 570 ཡི་རྒན་གསོའི་འཚོ་དངུལ་སྤྲད་བྱུང་། ད་ལྟ་གྲོང་གསེབ་རྒན་པོ་རྣམས་ཀྱི་འཚོ་བའང་ཇེ་སྐྱིད་དུ་གྱུར་ཡོད་པ་རེད།” སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་ལོ་ན 70 ལོན་པའི་ཨ་ཕྱེ་དོན་གྲུབ་སྒྲོལ་མས་དེ་འདྲ་བཤད་པ། “ད་ལྟ་རྒྱལ་ཁབ་ཀྱི་གྲོང་གསེབ་སྲིད་ཇུས་ནི་ཧ་ཅང་ཡག་པོ་འདུག   ཕག་སོན་གཅིག་གསོ་ན་སྒོར 50 ཡི་གཟེངས་བསྟོད་ཡོད་པ་དང་། ཞིང་དུ་ལོ་ཏོག་འདེབས་ན་ཡང་ཁ་གསབ་རོགས་དངུལ་ཡོད་པ་རེད།” ཨ་ཕྱེ་དོན་གྲུབ་སྒྲོལ་མས་གད་མོ་དགོད་བཞིན་གྲོང་གསེབ་ཀྱི་དམངས་ཕན་སྲིད་ཇུས་ཀྱི་ཡག་ལུགས་བགྲང་བ་རེད།
        ལོ་བཅུའི་སྔོན། དོན་གྲུབ་སྒྲོལ་མ་དང་སྤོ་བོ་གཉིས་ལོ་ལྟར་སྟོན་ཁ་ནས་དགུན་ཁའི་བར་རྩྭ་ཆུང་ཐང་འབྲོག་ར་རུ་སྡོད་ནས་བཞོན་མ 10 ལྷག་དང་ལུག 20 ལྷག་གསོ་ཡོད་པས ཞོགས་ནུབ་གཉིས་འོ་མ་འཇོ་དགོས་པ་མ་ཟད། འོ་མ་དཀྲུག་ནས་མར་བཟོ་དགོས། སྐབས་འགར་མུན་རུབ་རྗེས་ད་དུང་རི་ནང་དུ་ལུག་འཚོལ་འགྲོ་དགོས། རྒན་པོ་གཉིས་ཀྱིས་རྒྱུན་དུ་རི་ནང་འབུད་ཤིང་ཁུར་འགྲོ་བའང་རྩི་ཤིང་གི་ལོ་མ་སོགས་འཐུ་ནས་ཕྱུགས་རར་འདིང་བ།སྐབས་འགར་སྤོ་བོས་མཛོ་ཆ་གཅིག་ཁྲིད་དེ་ནགས་ཚལ་དུ་ཤིང་ཆེན་པོ་ལེན་སོང་བས་རྐང་པ་ཐེངས་མང་པོ་རྨས་སྐྱོན་ཐེབས་མྱོང་བ་རེད། 
        འོན་ཀྱང་ཉེ་བའི་ལོ་ཤས་རིང་། གྲོང་གསེབ་ཀྱི་དམངས་ཕན་སྲིད་ཇུས་རྣམས་གྲངས་མུ་མཐུད་ཀྱིས་དོན་དུ་འཁྱོལ་བས། དོན་གྲུབ་སྒྲོལ་མའི་ཁྱིམ་ནང་གི་འཚོ་བའི་ཆུ་ཚད་ཀྱང་མཐོར་འདེགས་པ་རེད། ད་ལྟ་ཁོང་གཉིས་ཀྱིས་བ་གཉིས་མ་གཏོགས་ཚང་མ་འཚོང་ཚར་བས་འབྲོག་ར་རུ་འགྲོ་དགོས་མེད། ཁོང་གཉིས་ཀྱིས་རྒྱུན་དུ་མཆོད་རྟེན་སྐོར་བ་དང་གྲོང་སྡེའི་རྒན་པ་གཞན་དང་མཉམ་དུ་ཁ་བརྡ་བྱེད་པ། སྐབས་འགར་རྒན་པ་བཞི་ལྔ་དང་ཁ་ཆད་བྱས་ནས་ཚ་ཆུ་ཁའམ་ཡུལ་སྐོར་ལྗོངས་ཁུལ་དུ་སྤྲོ་གསེང་གཏོང་འགྲོ་རྒྱུ་རེད་དེ། ཁོ་ཚོའི་འཚོ་བ་ཇེ་སྐྱིད་དུ་གྱུར་ཡོད།