དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> གསོ་རིག་གཞུང་ལུགས།
ཀྲུང་བོད་གསོ་རིག་བྱ་བའི་ཚོགས་འདུའི་སྟེང་བྱ་བའི་ཕྱོགས་དྲུག་གཏན་འཁེལ་བྱས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། དུས་ཚོད། 2013-04-12 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 119

        ཟླ 2 པའི་ཚེས 27 ཉིན་ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་གསོ་རིག་བྱ་བའི་ཚོགས་འདུ་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོར་ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་གསོ་རིག་བྱ་བ་གཙོ་ཆེར་ཕྱོགས་དྲུག་ནས་ཡར་སྐུལ་བྱེད་དགོས་ཏེ།  གཅིག  གསོ་རིག་བཅོས་བསྒྱུར་བྱ་བ་གཏིང་ཟབ་སྒོས་སྤེལ་པའི་གོ་རིམ་ཁྲོད་ཀྲུང་བོད་གསོ་རིག་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཉིས། ཀྲུང་བོད་གསོ་རིག་ཁྱད་འཕགས་གནས་བབ་འཛུགས་སྐྲུན་ལ་ཤུགས་སྣོན་པ།  གསུམ།  རོང་འབྲོག་ས་ཁུལ་གྱི་ཀྲུང་བོད་གསོ་རིག་བྱ་བར་ཤུགས་སྣོན་པ།  བཞི།ཀྲུང་བོད་གསོ་རིག་ཞབས་ཞུའི་ནུས་ཤུགས་མཐོར་འདེགས་བྱེད་པ།  ལྔ།  ཀྲུང་བོད་གསོ་རིག་ཚན་ཞིབ་དང་ཤེས་ཡོན་པ་གསོ་སྐྱོང་ནུས་ཤུགས་ཆེར་བསྐྱེད་པ། དྲུག  ཀྲུང་བོད་གསོ་རིག་ལས་གཞི་རིགས་སོ་སོ་རྩ་འཛུགས་དང་དངོས་འབེབ་གང་ལེགས་བྱེད་པ་བཅས་སོ།།