དབུ་ཤོག >> དཔལ་འབྱོར་འཚོ་བ། >> ཁྱིམ་ཇུས་ནོར་གཉེར།
འབའ་ལུང་རྫོང་གིས་ཀྲུང་དབྱིའི་སྨན་རྫས་ལེགས་ཤིང་མྱུར་པོས་འཕེལ་རྒྱས་བཏང་བ།
རྩོམ་པ་པོ། གཡང་མཚོས་བསྒྱུར། དུས་ཚོད། 2013-04-13 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 226

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།མིག་སྔར་འབའ་ལུང་རྫོང་ཡོངས་ཀྱིས་ཀྲུང་དབྱིའི་སྨན་རྫས་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི་ 4.38 ཟིན་ཏེ།མུའུ་ཁྲི་ཕྲག་གི་ཡུན་ཞང་མུའུ་དང་།མུའུ་ཁྲི་ཕྲག་གི་ཀྱི་ལྕེའི་འདེབས་འཛུགས་དཔེ་སྟོན་གནས་གཞི་བཙུགས་ཚར་བ།རྫོང་ཡོངས་ཀྱི་ཀྲུང་དབྱིའི་སྨན་རྫས་ཀྱི་ཐོན་རྫས་རིན་ཐང་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་ཡན་ལ་ཟིན་རྒྱུ།
       འདེབས་འཛུགས་ཚོད་ལྟ་དཔེ་སྟོན་བྱས་པ།མིག་སྔར།རྫོང་ཡོངས་ལ་ཀྲུང་དབྱིའི་སྨན་རྫས་ཀྱི་སྣེ་ཁྲིད་ཁེ་ལས་ 4 དང་།ཀྲུང་དབྱིའི་སྨན་རྫས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཧྲི་ 16 དང་།ཀྲུང་དབྱིའི་སྨན་རྫས་ཀྱི་གྲོང་གསེབ་ཆེད་ལས་ལག་རྩལ་མཐུན་ཚོགས་ 4 ཡོད།ཀྲུང་དབྱིའི་སྨན་རྫས་མཁས་པའི་རུ་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།གཙོ་ཆེ་བ་ནི་ཀྲུང་དབྱིའི་སྨན་རྫས་འདེབས་པའི་ཞིང་པའི་ཆེད་ལས་མཉམ་ལས་ཧྲི་ 16 གི་ཧྲི་ཡོན་ 482 དང་གྲོང་གསེབ་ཀྱི་ཆེད་ལས་ལག་རྩལ་མཐུན་ཚོགས་ཀྱི་ཁོངས་མི་ 600 ལ་ཚན་རྩལ་གསོ་སྦྱོང་བྱས་པ་རེད། 
       ཀྲུང་དབྱིའི་སྨན་རྫས་ཀྱི་ཐོན་ལས་གོང་སྤེལ་གཏོང་བར་ཚོང་དང་མ་རྩ་འདྲེན་འགུག་བྱེད་པའི་ནང་དོན་དུ་གྱུར་བ། “ཕྱིར་སྐྱོད་པ” དང་ “ནུས་ལྡན་མི་སྣ་གཡར་བའི” ཐོན་ལས་གོང་སྤེལ་གཏོང་ཐབས་ལག་བསྟར་བྱས་ནས།ཀྲུང་དབྱིའི་སྨན་རྫས་ཀྱི་ཐོན་ལས་ལེགས་ཤིང་མྱུར་པོར་གོང་སྤེལ་ལ་སྐུལ་འདེད་བཏང་བ།