དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> སྨན་ཁང་ངོ་སྤྲོད།
གསེར་ཆེན་རྫོང་གི་ལྷ་སའི་བོད་སྨན་ཆེད་ཚོང་ཁང་།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-04-13 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 100


གསེར་ཆེན་རྫོང་གི་ལྷ་སའི་བོད་སྨན་ཆེད་ཚོང་ཁང་།

       གཞོང་པ་ལྷ་ཆུའི་མཚན་གཞན་ལ་སྟོད་ལུང་གཞོང་པ་ལྷ་ཆུ་ཟེར་ཞིང་། སྔོན་གུ་རུ་རིན་པོ་ཆེ་བལ་ཡུལ་ནས་སྟོད་ལུང་བརྒྱུད་དེ་གནས་དེར་ཕེབས་བ་དང་། ཆོས་རྒྱལ་ཁྲི་སྲོང་གིས་མངགས་པའི་ཕོ་ཉ་བློན་པོ་ལྷ་བཟང་ཀླུ་དཔལ་ཡང་རྟ་པ་ལྔ་བརྒྱ་དང་བཅས་གནས་དེར་འབྱོར་ཏེ་གུ་རུ་རིན་པོ་ཆེར་ཆུ་མེད་ལུགས་ཞུས་པས་གུ་རུས་ཕྱག་མཁར་རྡོ་གཞོང་པ་འདྲ་བ་ཞིག་ས་ལ་བཙུགས་ནས་ཡར་འཐེན་དུས་ལྷ་ཆུ་བཟང་བོ་འདི་བཏོན་ཞིང་། ལྷ་བཟང་ཆུ་བྱུང་། གཞོང་པ་གཟེད་ཅིག་ཅེས་གསུངས་པས་གཞོང་པ་ལྷ་ཆུ་ཞེས་པའི་མཚན་དེ་ལྟར་བྱུང་།  ལྷ་ཆུ་འདིར་དྭངས་བསིལ་སོགས་ཁྱད་ཆོས་ཆེན་པོ་བརྒྱད་ཙམ་འདུས་ཤིང་མི་ལུས་ལ་ཤིན་ཏུ་ཕན་པར་བཤད།  


ཚོང་ཁང་ནང་ངོས།

       ནད་པ་གང་མང་གི་དགོས་མཁོ་དང་སྨན་རྫས་ཞིབ་བཤེར་འཕྲོད་བསྟེན་སྡེ་ཁག་གི་རྒྱབ་སྐྱོར་ཆེན་པོའི་འོག    ཆེད་ཚོང་ཁང་འདིས2011ལོར་ལྷ་ཆུ་བོད་སྨན་དབང་བསྐུར་གཏན་འཁེལ་བྱས་པའི་ཕྱིར་ཚོང་སྡེ་ཚན(མཚོ་སྔོན་གསེར་ཆེན་རྫོང)གྱི་དབང་ཡིག་བླངས་ཤིང་།  ཆེད་ཚོང་ཁང་འདིའི་སྨན་རྫས་རིགས་སྣ་ཚོགས་ཡོད་པ་དང་།  དངོས་ནས་སྒོ་ཕྱེ་ནས་ལས་ཚོང་འགོ་བརྩམས་པ་ནས་བཟུང་ས་གནས་མང་ཚོགས་ཀྱི་དགའ་བསུ་མི་དམན་པ་ཐོབ་ཀྱི་ཡོད་ལ།  ནང་སྒོས་སུ་སྙིང་དང་ཀླད་པའི་ཁྲག་རྩའི་ནད་སོགས་གཙོས་པའི་བོད་སྨན་ལ་དགའ་བསུ་བྱེད།