དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> སྨན་ཁང་ངོ་སྤྲོད།
བོད་ཀྱི་གསོ་རིག་ལོ་རྒྱུས་འགྲེམ་སྟོན་ཁང་།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-04-13 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 80

       བོད་ཀྱི་གསོ་རིག་ལོ་རྒྱུས་འགྲེམ་སྟོན་ཁང་ནི་ཀྲུང་གོའི་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་གི་མཚོན་བྱེད་རང་བཞིན་གྱི་འགྲེམ་སྟོན་ཁང་ཡིན་ལ།འདི་ནི་བོད་ཀྱི་གསོ་རིག་རིག་གནས་འཕེལ་རྒྱས་ཀྱི་བྱུང་བ་མངོན་པར་མཚོན་པའི་བསྡུས་རིས་ལྟ་བུའང་ཡིན།འགྲེམ་སྟོན་ཁང་འདི་རུ་ལོ་ངོ་སུམ་སྟོང་ལྷག་གི་སྔོན་ནས་ད་བར་གྱི་གསོ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་གདོད་མའི་གསོ་རིག་དང་།ཞང་ཞུང་དུས་སྐབས།བཙན་པོའི་དུས་སྐབས།སིལ་བུའི་དུས་སྐབས།ས་སྐྱ་བ་དང་ཕག་གྲུའི་དུས་སྐབས།དགའ་ལྡན་ཕོ་བྲང་གི་དུས་དང་དེང་རབས་གསོ་རིག་སོགས་དུས་སྐབས་བདུན་གྱི་གསོ་རིག་ལོ་རྒྱུས་འགྲེམ་སྟོན་བྱས་ཡོད་པ་དང་།འགྲེམ་སྟོན་གྱི་བརྗོད་བྱ་ལ་གཙོ་བོ་བོད་ཀྱི་གསོ་བ་རིག་པའི་འཕེལ་རིམ་སྤྱི་དང་།དེ་མིན་དུས་རབས་རིམ་བྱུང་གི་བོད་ཀྱི་གསོ་རིག་འཕེལ་རྒྱས་ལ་མཛད་རྗེས་བླ་ན་མེད་པ་འཐཇོག་མཁན་གྱི་གཡུ་ཐོག་གསར་རྙིང་དང་།བྱང་པ་རྣམ་རྒྱལ་གྲགས་བཟང་།ཟུར་མཁར་མཉམ་ཉིད་རྡོ་རྗེ།སྡེ་སྲིད་སངས་རྒྱས་རྒྱ་མཚོ།དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་སོགས་གསོ་རིག་མཁས་དབང་སུམ་ཅུ་ལྷག་གི་ལོ་རྒྱུས་དེ་པྲ་ཚིལ་གྱི་བཟོས་སྐུ་དང་།འབག་སྐུ།ཐང་ག  ཁོར་ཡུག་བསྐྱར་མངོན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མཚོན་པར་བྱས་ཡོད།།