དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> སྨན་ཁང་ངོ་སྤྲོད།
ཆབ་མདོ་རི་དུང་བོད་སྨན་བཟོ་གྲྭའི་འཕེལ་རྒྱས་ལ་ལྟ་བ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-04-14 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས། ཀློག་གྲངས། 171

                          རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས།  
       ཆབ་མདོ་ས་ཁུལ་དུ་བོད་སྨན་གྱི་འབྱུང་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་སྨན་རྒྱུར་གཏོགས་པའི་སྐྱེ་དངོས་དང་།སྲོག་ཆགས།གཏེར་དངོས་སོགས་ཀྱི་རིགས་1800ལྷག་ཙམ་ཡོད།ས་ཁུལ་དེར་བོད་སྨན་གྱི་ཆེད་ལས་མི་སྣ་ཡང་མང་པོ་ཞིག་གསོ་སྐྱོང་བྱས་ཡོད་ལ་ཆེད་ལས་ལ་མཁས་པའི་སྨན་པ་གྲགས་ཅན་ཡང་མང་པོ་ཞིག་ཡོད།ཆབ་མདོ་རི་དུང་གི་བོད་སྨན་ཞིབ་འཇུག་ལྟེ་གནས་ཀྱི་བོད་སྨན་བཟོ་གྲྭ་དེ་སྤྱི་ལོ་1987ལོར་དབུ་བརྙེས་ཞིང་།བཟོ་གྲྭ་དེར་སྨན་རྫས་ཀྱི་ཐོན་སྐྱེད་དང་།སྨན་རྫས་ཚོང་གཉེར།ཚན་རིག་ཞིབ་འཇུགབོད་སྨན་གྱི་སྨན་རྒྱུའི་འདེབས་འཛུགས་བཅས་ཀྱི་རྟེན་གཞི་ཞིག་ཏུ་འགྱུར་ཡོདཔས།ད་བར་བོད་སྨན་སྣེ་གྲངས་350ལྷག་ཙམ་ཐོན་སྐྱེད་བྱས་ཡོད་པས་དེའི་ནང་རྒྱལ་ཁབ་ནས་སྨན་ཐོན་སྐྱེད་བྱས་ཆོག་པའི་ཐོབ་ཐང་ལག་ཁྱེར་ཡོད་པའི་སྨན་སྣ་རིགས་15ཡོད།དེའི་ནང་ནས་བོད་སྨན་གཡུ་རྙིང་ཉེར་ལྔའི་རིལ་བུ་དང་།མུ་ཏིག་ཉེར་ལྔའི་རིལ་བུ།བྱུ་མར་ཉེར་ལྔའི་རིལ་བུ་སོགས་ཀྱི་བོད་སྨན་ཁག་གཅིག་ལྗོངས་ནང་ཁུལ་དུ་ནད་པ་མང་དག་ཞིག་གྱི་འདེངས་འཇོག་ཡག་པོ་ཐོབ་ཡོད།


   འདི་ནི་ཆབ་མདོ་རི་དུང་བོད་སྨན་ཞིབ་འཇུག་ལྟེ་གནས་ཀྱི་བོད་སྨན་བཟོ་གྲྭའི་བཟོ་པས་བོད་སྨན་ཤོག་ཐུམ་རྒྱག་པའི་གནས་ཚུལ་ཡིན་པ།

   འདི་ནི་ཆབ་མདོ་རི་དུང་བོད་སྨན་ཞིབ་འཇུག་ལྟེ་གནས་ཀྱི་བོད་སྨན་བཟོ་གྲྭའི་སྨན་པ་ཆེན་མོ་བ་དྲང་སྲོང་གིས་བོད་སྨན་སྨན་རྒྱུ་ངོ་སྤྲོད་བྱེད་པའི་གནས་ཚུལ་ཡིན་པ།