དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> སྨན་ཁང་ངོ་སྤྲོད།
མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-04-14 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས། ཀློག་གྲངས། 170

       མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནི་སྤྱི་ལོ1983ལོར་བཙུགས་པ་ཞིག་ཡིན།བགྲང་བྱ་ཉི་ཤུ་ལྷག་གི་འཕེལ་རྒྱས་བརྒྱུད།བོད་སྨན་ཞིབ་འཇུག་དང་སྨན་བཅོས།ཚན་རིག་སློབ་གསོ།སྨན་སྦྱོར་སོགས་ཆ་གང་ཐད་ནས་བོད་ཀྱི་གསོ་རིག་འཕེལ་རྒྱས་གཏོང་བར་ནུས་པ་གལ་ཆེན་འདོན་པའི་ལྟེ་གནས་ཞིག་ཏུ་གྱུར་ཡོད།2000ལོར་རྒྱལ་ཡོངས་སུ་རིམ་གསུམ་ཀ་པའི་མཚན་བྱང་ཐོབ་པའི་བོད་སྨན་ཁང་ཉག་གཅིག་གི་གྲས་སུ་བཙུད་པས་འཕྲོད་བསྟེན་ལས་རིགས་ཁྲོད་ཀྱི་མེ་ཏོག་གངས་ལྷ་ལྟ་བུའི་མཚན་སྙན་ཐོབ་པ་མ་ཟད།མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་མཉམ་འབྲེལ་དཔེ་གཞིའི་འཛུགས་སྐྲུན་ལས་ཁུངས་སུ་བསྐོས།དེ་རྗེས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་སྡེ་ཁག་ཏུ་ཐེངས་མང་བདམས་ཤིང་ཞིང་ཆེན་ཡོངས་ཀྱི་བོད་སྨན་སྨན་བཅོས་དང་ཚན་རྩལ་ཞིབ་འཇུག་འཕྲིན་འབྲེལ་སློབ་གསོ་སོགས་གང་ཅིའི་ཐད་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད།གཞན་བོད་ཀྱི་གསོ་རིག་གཞུང་ལུགས་ལ་དཔྱད་པ་རྫོགས་ཤིང་ནད་ཐོག་ལག་ལེན་གྱི་ཉམས་མྱོང་ཕྱོགས་ནས་སྙན་པའི་གྲགས་པ་འབར་བའི་ཆེད་མཁས་སྨན་པ་གང་མང་ཞིག་བཞུགས་རྐྱེན་མཆིན་ནད་གསར་རྙིང་ངམ་ལྡེམ་བུའི་ནད།དྲེག་གྲུམ།ཕོ་བའི་ནད།ཀླད་སྐྱོན།རྩ་དཀར་ཀྱི་ནད།རུས་ནད།པགས་ནད་སྣ་ཚོགས་སོགས་ལ་ཐུན་མིན་གྱི་བཅོས་ཐབས་སྤྱད་དེ་གྲུབ་འབྲས་མངོན་སུམ་རེ་བླངས་ཡོད་པ་མ་ཟད།བཅོས་ཐབས་འགའ་རེའི་ཕྱོགས་ནས་རྒྱལ་ཡོངས་ཀྱི་ཚད་མཐོའི་སྨན་བཅོས་ཆུ་ཚད་དུའང་སླེབས་འདུག་པ་ཕྱོགས་གང་ཅིའི་ཐད་ནས་ར་སྤྲོད་བྱུང་།སྨན་ཁང་འདིའི་ཁོངས་སུ་ཁོང་ནད་ཚན་ཁག་དང་ཀླད་སྙིང་ཁྲག་རྩའི་ཚན་ཁགམཆིན་མཁྲིས་ཚན་ཁགདཔྱད་བཅོས་ཚན་ཁགའཇུ་བྱེད་ཚན་ཁགམོ་ནད་ཚན་ཁགགྲུམ་ནད་ཚན་ཁགཔགས་ནད་ཚན་ཁག་ལ་སོགས་པའི་ཆེད་གཉེར་ཚན་ཁག་འགའ་འདུས་ཡོད་པ་ལས་གཞན་ད་དུང་དེང་རབས་གློག་གཞིའི་དཔྱད་ཆས་ཁང་དང་བོད་སྨན་སྡེབ་སྦྱོར་ཁང་།ཞིབ་འཇུག་ཁང་།འཕྲིན་གསར་ཁང་ལ་སོགས་པའི་ལས་སྒོ་འཐུས་ཚང་བ་ཞིག་ཀྱང་ཡོད།སྨན་ཁང་འདི་མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་གྲྭ་ཆེན་མོའི་ནད་ཐོག་སློབ་གཉེར་དང་དངོས་སྦྱོང་བྱེད་གནས་སུ་གཏན་ཁེལ་ཟིན་པ་མ་ཟད།ཞིང་ཆེན་ཡོངས་ཀྱི་བོད་སྨན་ཆེད་གཉེར་བ་གསོ་སྐྱོང་དང་དངོས་སྦྱོང་ལྟེ་གནས་སུའང་གྱུར་ཡོད་པས་གསོ་བཅོས་ཀྱི་མཚན་སྙན་ལྡིར་བའི་སྙན་པའི་བ་དན་ཕྱོགས་ཀུན་ཏུ་ཁྱབ་ཡོད།།