དབུ་ཤོག >> མི་རིགས་ཆོས་ལུགས། >> ཆོས་ལུགས་རིག་གནས།
འཕགས་པ་ཀུན་ཏུ་བཟང་བོའི་མཆོད་རྟེན།
རྩོམ་པ་པོ། མཚོ་སྔོན་པོ་བོད་ཡིག་དྲ་ཚིགས། དུས་ཚོད། 2013-04-18 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 224

         འདིར་ཡང་རྨ་ཡུལ་དར་མཚོ་ཕྱུག་མོའི་བོང་སྟག་བུན་ཆོན་དགོན་པད་མ་མདོ་སྔགས་གླིང་གི་འཕགས་པ་ཀུན་ཏུ་བཟང་མཆོད་རྟེན་ཆེན་མོ་ནི་མཐོ་ཚད་ལ་ཁྲི་ཙི་བདུན་ཅུ་ལྷག་དང་ཞེང་ལ་ཁྲི་ཙི་སོ་གསུམ་ཅན། བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་བྱ་སྟེ་སྤྱི་ལོ2005 ལོའི་ཟླ 8 པའི་ཚེས 25 ཉིན་ལ་མདོ་སྔགས་བསྟན་པའི་རིང་ལུགས་འཛིན་པ་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྒྱལ་ཚབ་དམ་པ་མངའ་བ་གནས་བཞི་གྲུབ་ཆེན་སྐུ་ཕྲེང་ལྔ་བ་ཆོས་དབྱིངས་རང་བྱུང་རྡོ་རྗེ་དཔལ་བཟང་པོའི་ཐུགས་དགོངས་ལྟར་དང་ཞལ་བཀོད་གནང་བ་བཞིན་ཡང་གངས་ལྗོངས་མཁན་སློབ་ཆོས་གསུམ་གྱི་ཡ་གྱལ་མཁན་ཆེན་ཞི་བ་འཚོ་སྐུ་ཕྲེང་བཞི་བ་མཆོག་སྤྲུལ་འཇིགས་མེད་སེང་གེ་དཔལ་བཟང་པོས་སྐུ་དངོས་སུ་ཐུགས་འགན་ལྷུར་བཞེས་མཛད་དེ་གསར་དུ་བཞེངས་ནས་ལེགས་གྲུབ་བྱུང་བ་ཡིན། གཟུངས་བཞུགས་ལ་རྒྱལ་བའི་བཀའ་བསྟན་ཚར་བཞི་བཅུ་རྩ་གྲངས། ཨ་ཡིག་དུང་ཕྱུར་བརྒྱད། འཕགས་པ་ཐར་བ་ཆེན་པོའི་མདོ་ཚར་ཆིག་སྟོང་སོགས་སྐུ་གསུང་ཐུགས་རྟེན་བགྲང་ལས་འདས་པ་དད་ལྡན་འགྲོ་བ་ཡོངས་ཀྱི་བསོད་ནམས་བསགས་པའི་ཞིང་ས་ཆེན་པོའི་རྒྱན་དུ་བཞུགས་སོ།།